【藏汉双语影评】那时「君の名は」就是所有的美丽


3楼猫 发布时间:2022-08-07 23:50:41 作者:Naturo狼 Language

【藏汉双语影评】那时「君の名は」就是所有的美丽 - 第1张

༄༅།།དུས་དེར་ཁྱེད་ཀྱི་མཚན་ནི་མཚར་སྡུག་ཐམས་ཅད་དོ།།
那时「君の名は」就是所有的美丽

གློག་བརྙན་འདི་ཚར་རྗེས
ཕལ་ཆེར་རང་ངུ་མདོག་ཁ་པོ་རེད
ཅེས་སྙིང་སྡུག་ལ་ལབ
འོན་ཏེ་རང་ཉིད་ནི
མཆི་མས་ངོ་གདོང་ཡོངས་སུ་བརླན

等看完这部电影
我说
「妳会哭」
结果自己
泪眼婆娑

ཆུ་ཐིགས་གཅིག་ལྟར
ཐལ་དང་རྡུལ་ལས་བརྒལ
ཆེས་ལྐོག་ཏུ་གྱུར་བའི
ཡིད་ཀྱི་མཚོ་མོར་ལྷུང
གཙང་ཞིང་དྭངས་ལ་དྲི་མ་དང་བྲལ

一滴水
穿破尘土
落入心灵
最隐秘的湖
澄净空明

むすび
结び ཞེས་ཀྱང་བྲིས་ཆོག
སྒྲ་ལ་མུ་སུ་པི
དོན་ནི་པ་ཏྲ་དཔལ་བེའུ་འདྲ
མཉམ་དུ་རུབ་ནས་གཟུགས་ལ་ཆགས
རྣམ་པ་འཁྱིལ་ཞིང་ཕན་ཚུལ་འཁྲིལ
སྐབས་རེར་ཁ་ཕྱོགས་ཚུར་ལ་གྱུར
འབྲེལ་ཁ་ཆད་རྗེས་སྐྱར་དུ་མཐུད

むすび
也作结び
念做「musubi」
聚拢成形
扭转缠绕
时而回转
彼此中断
又再相连

ཟགས་པའི་སྐར་མ
ཐོར་བའི་མདུད་པ
བཅད་པའི་ལྟེ་ཐག
འདས་པའི་ལོ་ཟླ
དགའ་བའི་མཇལ་ཁ
ཟམ་མི་ཆད་པའི་གྱེས་པ
འདི་དག་ཚང་མ་རྟེན་འབྲེལ་ལོ
ཆོས་ཐམས་ཅད་ཀྱི་འགྲུབ་བྱེད
ལས་འབྲས་ཆུ་ཡི་གཉེར་མ

陨落的彗星
散落的绳结
剪断的脐带
流逝的时间
彼此的相见
与不断的离别
皆为「结」
皆因缔造诸法的
因果的涟漪

རྟེན་འབྲེལ་ལས
ཡིད་རྨུགས་དང
ཞེད་སྣང
དོགས་ཟོན
ཧང་སངས
བདེ་བ
འདི་བཞིན་བྱམས་སྙིང་རྗེ་སྟེ
སྨྲ་བ་ལས་འདས་པའི་ཚོར་སྣང་འདྲེས་མ་ཞིག་སྐྱེས

因「结」升起一个
交织著
忧伤
恐惧
警觉
惊叹
喜悦
与悲悯的
无以名状的情愫

མི་མཇེད་པའི་འཇིག་རྟེན་ཁྲོད་ལ་ནུབ་པའི
གསང་བའི་ཁམས
ཕ་རོལ་ཕྱོགས
ལྷ་ཡི་ཞིང
མི་རྟག་པ་དང་མཉམ་བཞག་སྤྲོས་བྲལ
སྟོང་པ་ཉིད་དང་ལྷ་ཡི་བླ་གནས་སོགས
ཧ་ལམ་རྒྱང་རིང་ནས་མཇལ

似乎瞭望到
藏于娑婆世界背后的
隐世
彼岸
产灵之境
或无常
或不二
或空性
神之魂灵所系

མིག་ལམ་དུ་སྣང་བ་ང་དང་ཕལ་ཆེར་ཚེ་རབས་མང་པོའི་ལས་འབྲེལ་དང་བཅས་པའི་སྙིང་སྡུག་མར
བྱིན་གྱིས་བརླབས་ནས
ཤིན་དུ་མཛེས་པར་གྱུར
ལུས་ངག་ཡིད་གསུམ་གྱི་འོད་སྣང
འདྲེན་བྱེད་དུ་ལྷང་ངེར་འཚེར

眼前似乎与我经历了几世姻缘的爱人
受到加持
超然得美
忽见她的身语意
熠熠生辉

མིག་ཆུ་འཁོར་ནས་དོན་པའི་ང་ཁྱེད་ལ་དགའ
བྱིན་གྱིས་བརླབས་ནས
ངག་འདོན་གྱི་ཚིགས་ལྟར
གྲངས་ལས་འདས་པའི་འཁོར་བའི་ནང
ཡུན་རིང་གི་གྱེས་འཛོམས་ཡོངས་སུ་མཐུད

饱含热泪说出的「我爱你」
受到加持
像一句祈祷文
连接了无数次轮回中
久别重逢的所有相遇

སྨག་རུམ་གྱིས་བསྒྲིབས་པའི་རྩེ་པོ་ཏ་ལར
བྱིན་གྱིས་བརླབས་ནས
གསེར་མདོག་གི་འོད་སྣང་ཐོགས
གནའ་བའི་གྱང་རྩིག་མཐུག་པོ་བརྟོལ་ནས
སངས་རྒྱས་སྐུ་ངོ་མ་དང་མཇལ

被黑夜笼罩的布宫
受到加持
带著金色的光辉
穿破古老而又厚实的墙体
洞见佛的真迹

ཐམས་ཅད་རང་ཉིད་དང་འབྲེལ
བདག་ཉིད་ནི
དེ་བས་ཟབ་པའི་གནས་ལུགས་ནང་ལ་བསྲེས
རང་ཉིད་ལས་རླབས་ཆེ་བའི་དོན་སྙིང
ལག་སོན་དུ་གྱུར

一切都与自己产生了联系
自我
消融在
更加深远的奥义里
找到了
比自我
更加浩然的意旨

ཕྱོགས་ལྷུང་མེད་ལ
ལྟེ་བ་མེད
རྟོག་པ་དབྱེ་འབྱེད་ཀྱི་མ་རིག་དང
ཡེ་ནས་བྲལ

没有对立
没有中心
分别心
亦远离而去

ཁྱེད་ནི་བདག་གོ
བདག་ཀྱང་ཁྱེད་ཉིད་དོ
བྱམས་བརྩེ་ཡིས
མཐར་ཐུག་གི་མཐུ་ནུས་ལ་བརྟེན་ནས
ཡུན་དང་ཡུལ་ལས་འདས
གདོང་ཐུག་བློ་ལས་འཕགས་ཏེ
སྟོང་གསུམ་འཇིག་རྟེན་ཀུན་དང
འགྲོ་དྲུག་ཚང་མའི་རྣམ་ཤེས་ལྷད་མེད་ལ་ཁྱབ་པར་བྱེད

你中有我
我中有你
「爱」
以究竟之力
突破时空的禁忌
超越碰撞的逻辑
遍达所有的宇宙
与众生最纯粹的心灵

དུས་དེར
ཁྱེང་ཀྱི་མཚན་ནི
མཚར་སྡུག་ཐམས་ཅད་དོ

那时
你的名字
就是所有的美丽

མ་ཁོ་ཐོ་ཤིན་ཁའི་ལགས་ཀྱི་བརྩམས་ཆོས་༼ཁྱེད་ཀྱི་མཚན༽ལས་ཐོབ་པའི་བྱིན་རླབས་གཞལ་ཡས་ལ་བཀའ་དྲིན་ཆེ་ཞུ།

感恩于新海诚君的《君の名は》的无量加持。

འཛམ་བུ་ཀ་ནས། ༢༠༡༦ ལོའི་ཟླ་༡༢པའི་ཚེས་བཞིའི་ཉིན་ལྟད་མོ་བལྟས་ཚར་རྗེས།

藏布伽 写于2016年12月4日观影后


མཇུག་འཕྲོ། གོ་ཐོས་ལ་བརྩམས་ཆོས་འདི་ཡི་བསམ་བློའི་འབྱུང་རྩ་ནི་ཉི་ཧོང་གནའ་བའི་སྙན་ངག་པ་ཨོ་ནོ་ཁོ་མ་ཆི་ལགས་ཀྱི་སྙན་ངག་「思ひつつ寝ればや人の见えつらむ 梦と知りせばさめざらましを」ཞེས་པ་འདི་ཡིན་ཏེ་བོད་ཡིག་ཏུ་བསྒྱུར་ན་འདི་ལྟར་ཏེ།

 རྨི་ལམ་ནང་དུ་ཕྲད་པའི་མི་དེ་ག་ལ་སོང་།།
 གལ་སྲིད་རྨི་ལམ་ཡིན་པ་རྟོགས་ཚེ་སད་མི་འདོད།།
 རྨི་ལམ་ནང་དུ་སྤྲོ་འཛོམས་བྱས་པ་མང་ན་ཡང་།།
 དངོས་སུ་ངོ་ཐུག་བྱ་རྒྱུ་བྱུང་ན་ཅི་མ་རུང་།།

ཨེ་མ། མི་ཡུལ་གྱི་ངོ་ཐུག་ཚང་མ་ཡུན་རིང་གི་གྱེས་འཛོམས་རེད་ཡ།།།།

彩蛋:听说创作这部作品的灵感之一是小野小町的和歌:「思ひつつ寝ればや人の见えつらむ 梦と知りせばさめざらましを」。

歌词大意:「梦里相逢人不见,若知是梦何须醒。纵然梦里常幽会,怎比真如见一回。」

哎,人世间所有的相遇都是久别重逢。

动画信息

你的名字。
中文名:你的名字。
原 名:君の名は。
又 名:你的名字 / 君之名 / Your Name / Kimi no na wa.
首 播:2016-12-02(中国大陆) / 2016-08-26(日本)
IMDb:tt5311514

相关阅读

最近更新

随机推荐


© 2022 3楼猫动漫 站点地图 广告合作:asmrly666@gmail.com